close
Jump to content

ལེ་བཱ་ནཱོན་

Wikipedia ལས།
ལེ་བཱ་ནཱོན་
BERJAYA
BERJAYA
རྒྱལ་ས།
ས་ཁྱོན།10,452 km²
མི་འབོར5,364,482

༉ ལེ་བ་ནོན་འདི་ གཞུང་འབྲེལ་གྱི་ཐོག་ལས་ ལི་བ་ནོན་སྤྱི་མཐུན་གྱི་རྒྱལ་ཁབ་ཟེར་སླབ་ཨིནམ་དང་ བྱང་ཕྱོགས་དང་ ཤར་ཕྱོགས་ལུ་ སི་རི་ཡ་དང་ ལྷོ་ཕྱོགས་ལུ་ ཨི་ཟི་རིལ་གྱི་ས་མཚམས་ལུ་ཆགས་ཏེ་ཡོད་མི་ ཤར་དབུས་རྒྱལ་ཁབ་ཅིག་ཨིན། ལེ་བ་ནོན་འདི་ ཆུང་ཀུ་འབད་རུང་ ལོ་ངོ་ ༧༠༠༠ ལྷགཔ་ཅིག་གི་ཧེ་མ་ལས་ འཛམ་གླིང་ནང་ བྱུང་རབས་ཕྱུག་ཤོས་ཅིག་ཨིན་མས།

སྔོན་ལུགས་ལེ་བ་ནོན་འདི་ ཕིནི་ཤི་ཡན་ (༡༥༠༠-༣༠༠ བི་སི་ཨི) གི་ཁྱིམ་ཨིནམ་དང་ ཁོང་གི་ཚོང་འབྲེལ་དང་ གྲུ་བཟོ་ནི་ དེ་ལས་ ཡི་གུ་འགོ་ཐོག་བཟོ་ནིའི་དོན་ལུ་ ཡོངས་གྲགས་ཐོན་མི་ མཚོ་འགྲུལ་གྱི་ཡར་ཐོན་གནས་སྟངས་འདི་ཨིན་མས། ཝི་ཀིཔི་ཌི་ཡ། (༢༠༢༥) གིས་ དུས་རབས་ལས་བཅད་དེ་ ལེ་བ་ནོན་འདི་ ཨ༌སི་རི་ཡན་དང་ བེ་བི་ལོ་ནི་ཡན་ པར་ཤི་ཡན་ གི་རིག་ རཱོ་མན་ བཱའི་ཛན་ཊིན་ ཨ་རབ་དང་ ཨོ་ཊོ་མཱན་ དེ་ལས་ ཕཱརེནས་ཚུ་བརྩིས་ཏེ་ རྒྱལ་ཁབ་མ་འདྲཝ་ཚུ་གིས་ དབང་འཛིན་འབད་ནུག། སྤྱི་ལོ་ ༡༩༤༢ ལོར་ ལེ་བ་ནོན་གྱིས་ ཕཱརེནས་ལས་ རང་དབང་ཐོབ་ནུག། ཤུལ་ལས་ དབུས་ཤར་རྒྱལ་ཁབ་ཚུ་ནང་ དངུལ་འབྲེལ་དང་ ལམ་སྲོལ་གྱི་ལྟེ་བ་སྦོམ་ཅིག་ལུ་འགྱུར་ཡོདཔ་ཨིན་ཟེར་བཀོད་ནུག། ཨིན་རུང་ སྤྱི་ལོ་ ༡༩༧༥ ལས་ ༡༩༩༠ ཚུན་ ལི་བ་ནོན་ལུ་ ནང་འཁྲུག་སྦོམ་སྦེ་ར་བྱུང་སྟེ་ དེ་གི་ཤུལ་ལས་ ཨི་ཛ་རེལ་དང་གཅིག་ཁར་ འཁྲུག་རྩོད་དང་ ནང་འཁོད་ཀྱི་སྲིད་དོན་བརྟན་ཏོག་ཏོ་མེདཔ་ཨིན་མས། གདོང་ལེན་ལེ་ཤ་ཡོད་རུང་ ལེ་བ་ནོན་འདི་ ལམ་སྲོལ་མ་འདྲཝ་ཡོད་པའི་རྒྱལ་ཁབ་ཅིག་སྦེ་ལུས་ཡོདཔ་དང་ དེ་ནང་ ཨ་རབ་དང་ ཡུ་རོ་པི་ཡཱན་ དེ་ལས་ མེ་དྲེ་པྲེ་རི་ནིཡན་ (Mediterranean) གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན།

ལེ་བ་ནོན་གྱི་ས་ཆ་འདི་ ཀི་ལོ་མི་ཊར་གྲུ་བཞིམ་ ༡༠,༥༤༢ ཡོད་པའི་དབང་གིས་ ཤར་དབུས་རྒྱལ་ཁབ་ཆུང་ཤོས་ཅིག་ཨིན། མི་རློབས་ས་ཡ་ ༥.༥ དེ་ཅིག་ཡོདཔ་དང་ ཕྱི་རྒྱལ་ལུ་སྡོད་མི་ ལེ་བ་ནོན་གྱི་ མི་སེར་མང་ཤོས་ཅིག་ཡོདཔ་ཨིན། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། ལེ་བ་ནོན་གྱི་མི་ཚུ་ ཨ་རབ་ཟེར་ངོས་འཛིན་འབདཝ་ཨིན་རུང་ མི་རློབས་ནང་ ཨར་མེ་ནི་ཡན་དང་ གཞན་མི་རིགས་གྱངས་ཁ་ཆོད་མི་ཚུ་ཡང་ཚུདཔ་ཨིན་པས། ལེ་བ་ནོན་འདི་ ཤར་དབུས་རྒྱལ་ཁབ་ནང་ ཆོས་ལུགས་མ་འདྲཝ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ དེ་ནང་ མུསི་ལིམ་ (སུ་ནི་དང་ཤི་ཡ) དང་ ཡེ་ཤུ་པ་ (མ་རོ་ནའིཊ་ཀེ་ཐོ་ལིག་དང་ ཡིད་ཆེས་ དེ་ལས་ གཞན་མི་ཚུ་) ཧ་ལམ་ འདྲ་མཉམ་སྦེ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། དེ་ལས་ དྲུ་ཟི་མི་སྡེ་ཆུང་ཀུ་ཅིག་ཡང་ཡོདཔ་ཨིན།

ལེ་བ་ནོན་འདི་ མངའ་སྡེ་བརྒྱད་ལུ་དབྱེ་སྟེ་ཡོདཔ་ཨིན། དེ་ཡང་ བྷེ་རུཊ་ ལེ་བ་ནོན་གངས་རི་ བྱང་ལེ་བ་ནོན་ ལྷོ་ལེ་བ་ནོན་ བེ་ཀཱ་ ནེ་བཱ་ཏི་ཡ ཨ་ཀར་ བཱལ་བེག་ཧེར་མེལ་ཚུ་ཨིན། བྷེ་རུཊ་འདི་ རྒྱལ་ས་ལྟེ་བ་དང་ དཔལ་འབྱོར་ལྟེ་བ་ཅིག་ཨིན། དེ་ཡང་ ཡུ་རོ་པིན་དང་ ཤར་དབུས་ཀྱི་ ཤན་ཞུགས་སླ་བསྲེ་རྐྱབ་མི་ལུ་བརྟེན་ འཕྲལ་འཕྲལ་ར་ “ཤར་ཕྱོགས་བར་མའི་ པེ་རིསི་” ཟེར་ སླབ་སྲོལ་ཡོད་མི་ འཚོ་སྣང་ཅན་དང་ རྒྱལ་རབས་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན། ལེ་བ་ནོན་གྱི་སྲིད་དོན་དང་ དངུལ་འབྲེལ་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན། བྷེ་རུཊ་ལུ་ གཙོ་བོའི་ཁྱད་ཆོས་ཡང་ སྔོན་ལུགས་ཀྱི་གྱང་ཁོག་དང་ ཨོ་ཊ་མཱན་དུས་སྐབས་ཀྱི་བཟོ་རིགས་ དེ་ལས་ ཕེརེནཆ་གི་དབང་འོག་སྒྲིང་ཁྱིམ་ལ་སོགས་པའི་ རྒྱལ་ཁབ་ཀྱི་ས་རྟགས་ཚུ་ཡོདཔ་ཨིན། དེ་ལས་ ལམ་སྲོལ་ལྟེ་བ་ ཨ་མི་རི་ཀའི་གཙུག་ལག་སློབ་སྡེ་དང་ འགྲེམས་སྟོན་ཁང་ དེ་ལས་ དཔལ་འབྱོར་གྱི་ལྟེ་བ་ཚུ་ཡང་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དམག་འཁྲུག་དང་སྲིད་དོན་ངོ་རྒོལ་ དེ་ལས་ ༢༠༢༠ ལོའི་ བེ་རུཊ་འགས་རྫས་ཀྱི་ གནོད་རྐྱེན་བཏང་ཡོད་རུང་ ཁྲོམ་འདི་ བཟོད་སྲན་ཅན་ཅིག་སྦེ་ མི་ཚེ་སྐྱོང་སྟེ་ཡོདཔ་ཨིན། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག།

ལེ་བ་ནོན་འདི་ Glen Richard Bugh, & Clovis F. Maksoud (2025) གིས་ སྤྱི་ཚོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཨིན་རུང་ སྲིད་དོན་ལམ་ལུགས་འདི་ ཆོས་ལུགས་ཀྱི་དབང་ཚད་བགོ་བཤའ་རྐྱབ་མི་ལུ་བརྟེན་ཏེ་ གཞན་དང་མ་འདྲཝ་ཅིག་ཨིན། དེ་ཡང་ སྲིད་འཛིན་འདི་ རྟག་བུ་ར་ མ་རོ་ནིཊ་ཡེ་ཤུའི་ཆོས་ལུགས་འཛིན་མི་ཅིག་དང་ བློན་ཆེན་འདི་ སུ་ནི་མུསི་ལིམ་ དེ་ལས་ སྤྱི་ཚོགས་ཀྱི་ཚོགས་གཙོ་འདི་ ཤི་ཡ་མུསི་ལིམ་འབད་མི་ཅིག་ཨིན་པས། ལམ་ལུགས་འདི་ ཆོས་ལུགས་ཀྱི་ངོ་ཚབ་ཚུ་ འདྲ་མཉམ་བཟོ་ནིའི་དོན་ལུ་ བཟོ་ཡོདཔ་ཨིན་རུང་ སྲིད་དོན་གྱི་དཀའ་ངལ་དང་ ངན་ལྷད་ཚུ་ཡང་ ཐོན་ཏེ་ཡོདཔ་ཨིན་ཟེར་བཀོད་ནུག། འདས་པའི་ལོ་ཤས་ནང་ ལེ་བ་ནོན་ལུ་ གཞུང་བརྟན་ཏོག་ཏོ་མེད་མི་དང་ ངོ་རྒལ་འབད་མི་ དེ་ལས་ དཔལ་འབྱོར་གྱི་དཀའ་ངལ་ཚུ་ ཐོན་དོ་ཡོདཔ་ཨིན་པས།

ལེབ་ནོན་ལུ་ མ་འདྲ་བའི་ལམ་སྲོལ་ཕྱུགཔོ་ཡོདཔ་ལས་ ཨ་རབ་དང་ ཕོ་ནི་ཤི་ཡན་ ཨོ་ཊོ་མཱན་ དེ་ལས་ ཕཱརནསི་གི་ལམ་སྲོལ་ཚུ་གིས་ཤན་ཞུགས་འབད་དེ་ཡོདཔ་ཨིན། ཝི་ཀིཔི་ཌི་ཡ། (༢༠༢༥) གིས་ ཨ་ར་བིག་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིན། ཕཱརནསི་འདི་ ལེ་བ་ནོན་གྱི་དབང་འོག་བྱུང་རབས་ལུ་བརྟེན་ཏེ་ ཁྱབ་ཆེཝ་སྦེ་སླབ་ཨིནམ་དང་ ཨིང་སྐད་ཡང་ ལྷག་པར་དུ་ ཚོང་ལས་དང་ ཤེས་ཡོན་ནང་ལག་ལེན་འཐབ་དོ་ཡོདཔ་ཨིན་ཟེར་བཀོད་ནུག། ལེ་བ་ནོན་གྱི་སྙན་ཆ་འདི་ ནུབ་ཕྱོགས་ཀྱི་ཤན་ཞུགས་འབད་མི་དང་གཅིག་ཁར་ རང་ལུགས་ཨ་རབ་ཀྱི་སྒྲ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཁབ་ནང་ལུ་ གློག་བརྙན་དང་ སྒྱུ་རྩལ་གྱི་མཐོང་སྣང་ཡར་རྒྱས་འགྱོ་དོ་ཡོདཔ་ལས་ ལེ་བ་ནོན་གྱི་གློག་བརྙན་བཟོ་མི་ མང་ཤོས་ཅིག་གིས་ འཛམ་གླིང་ཡོངས་ཁྱབ་ཀྱི་ངོས་འཛིན་ཐོབ་སྟེ་ཡོདཔ་ཨིན། ལེ་བ་ནོན་ལུ་ བཱལ་བྷེག་རྒྱལ་སྤྱིའི་དུས་སྟོན་འདི་གིས་ སྔོན་མའི་རོ་མཱན་གྱི་གྱང་ཤུལ་ཚུ་ནང་ འཛམ་གླིང་སྙན་ཆ་དང་ལམ་སྲོལ་ཚུ་སྟོནམ་ཨིན་པའི་ཁར་ ཆོས་དང་ལམ་སྲོལ་གྱི་དུས་སྟོན་ཚུ་ ཡེ་ཤུ་དང་མུསི་ལིམ་གཉིས་ཆ་ར་གིས་ ཁྱབ་ཆེཝ་སྦེ་བརྩི་སྲུང་འབདཝ་ཨིན། ལེ་བ་ནོན་གྱི་ཟ་འཐུང་འདི་ འཛམ་གླིང་ནང་ ཡོངས་གྲགས་ཅན་གྱི་ རྫས་སྦྱོར་གསརཔ་དང་ བྲོ་བ་ཞིམ་ཤོས་ དེ་ལས་ གསོ་བའི་དོན་ལུ་ ཟ་འཐུང་གྱི་རིགས་ ཧུམ་མུས་ ཀིབ་བེ་ བཀ་ལ་ཝ་དང་ མ་ན་ཀིཤ་ཚུ་ཨིན་པས། རྐང་རྩེད་དང་ དྲྭ་རིལ་ དེ་ལས་ དམག་རྩལ་དང་ སྣུམ་འཁོར་རྩེད་རིགས་ཚུ་ རྒྱལ་ཁབ་ནང་ ཡོངས་གྲགས་ཡོདཔ་ཨིན་པས།

ལེ་བ་ནོན་གྱི་དཔལ་འབྱོར་འདི་ སྔར་སྲོལ་ལྟར་ དངུལ་ཁང་དང་ཚོང་འབྲེལ་ ལྟ་བཤལ་དང་སོ་ནམ་ཚུ་ལུ་བརྟེན་ཏེ་ཡོདཔ་ཨིན། དེ་ཡང་ ལེ་བ་ནོན་ལུ་ ཧེ་མ་ “ཤར་ཕྱོགས་བར་མའི་སུའི་ཟར་ལེནཌ” ཟེར་མི་ དངུལ་ཁང་ལས་ཁུངས་སྒྲིང་སྒྲི་ཡོད་རུང་ དངུལ་འབྲེལ་འཛིན་སྐྱོང་ལེགས་ཤོམ་མེད་མི་ལུ་བརྟེན་ མར་ཉམས་སོ་ནུག། དེ་ལས་ འཕྲལ་ཁམས་ཀྱི་དཀའ་ངལ་མ་བྱུང་པའི་ཧེ་མ་ ལེ་བ་ནོན་འདི་ མཚོ་མཐའི་སྐྱིད་གནས་དང་ རྒྱལ་རབས་ཅན་གྱི་ས་ཁོངས་ དེ་ལས་ མཚན་མོའི་མི་ཚེ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་ ལྟ་བཤལ་གྱི་ས་གནས་གཙོ་བོ་ཅིག་ཨིན་པས། གཞན་ཡང་ ཨོ་ལིབ་མར་ཁུ་དང་ སི་ཊརཱིས་ཤིང་འབྲས་ ཆང་དང་ཏམ་ཁུ་ཚུ་ ཐོན་སྐྱེད་འབདཝ་ཨིན། (Glen Richard Bugh, & Clovis F. Maksoud 2025) ཟེར་བཀོད་ནུག།

ལེ་བ་ནོན་འདི་མཛེས་སྡུག་ལྡནམ་སྦེ་ཡོད་རུང་ དཀའ་ངལ་ལེ་ཤ་ར་ཐོན་དོ་ཡོདཔ་ཨིན། དེ་ཡང་ སྤྱི་ལོ་ ༢༠༡༩ ལས་ རྒྱལ་ཁབ་ནང་ གོང་ཚད་ཡར་སེང་འགྱོ་མི་དང་ དངུལ་ཁང་ཚུ་མར་མཉམ་འགྱོ་མི་ དེ་ལས་ དངུལ་གྱི་གོང་ཚད་མར་ཕབ་འགྱོ་བའི་དཀའ་ངལ་དང་ མི་འབོར་བརྒྱ་ཆ་ ༨༠ ལྷག་ཙམ་ དབུལ་ཕོངས་ཀྱི་གནས་སྟངས་ནང་གནས་ཡོདཔ་ཨིན་ཟེར་བཀོད་ནུག། དེ་ལས་ གཞུང་གིས་ ངན་ལྷད་དང་ལྕོགས་གྲུབ་མེད་མི་ དེ་ལས་ ཆོས་ལུགས་ལུ་ ཕྱོགས་ལྷུང་འབད་བའི་ ཉེས་འཛུགས་བཀལ་ཏེ་ ཡུང་རིངམོ་སྦེ་ར་འགྱོ་དོ་ཡོདཔ་ལས་ རྒྱལ་ཁབ་བསྐྱར་ཞིབ་ཀྱི་དོན་ལུ་ ངོ་རྒོལ་ཡང་འབད་དོ་ཡོདཔ་ཨིན། ལེ་བ་ནོན་ལུ་ སི་རི་ཡ་གི་སྐྱབས་བཅོལ་པ་ས་ཡ་ ༡.༥ ལྷགཔ་ཅིག་ལེན་ཏེ་ ཐོན་སྐྱེད་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས། དེ་མ་ཚད་ སྤྱི་ལོ་ ༢༠༢༠ ལོར་ བེ་རུཊ་གི་གྲུ་ཁ་ལུ་ འགས་རྫས་སྦོམ་བྱུང་མི་ལུ་བརྟེན་ མི་རློབས་ ༢༠༠ ལྷགཔ་ཅིག་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཁྲོམ་གྱི་ཆ་ཤས་ཚུ་ཡང་ མེདཔ་བཏང་ཡོད་པའི་ཁར་ དཔལ་འབྱོར་གྱི་དཀའ་ངལ་ཡང་ ཧེང་སྐལ་ར་ མཐོ་དྲགས་སྦེ་ འགྱོ་ཡོདཔ་ཨིན་པས། དེ་མ་ཚད་ རྒྱལ་ཁབ་ནང་ལུ་ ཨི་ཛ་རེལ་དང་ སི་རི་ཡ་ དེ་ལས་ ཧེ་ཟི་བཱོ་ལ་ཚུ་དང་འབྲེལ་བའི་ འཁྲུག་རྩོད་ཚུ་གིས་ གནོད་རྐྱེན་རྐྱབ་སྟེ་ འཕྲལ་འཕྲལ་སྐབས་ དྲག་རྒོལ་དང་ བརྟན་ཏོག་ཏོ་མེདཔ་སྦེ་ ཐོན་དོ་ཡོདཔ་ཨིན་པས།

ལེ་བ་ནོན་འདི་ རྒྱལ་རབས་གཏིང་ཟབ་པ་དང་ ལམ་སྲོལ་ཕྱུགཔོ་ དེ་ལས་ བཟོད་བསྲན་ཅན་གྱི་རྒྱལ་ཁབ་ཅིག་ཨིན། དཔལ་འབྱོར་དང་སྲིད་དོན་ དེ་ལས་ མི་སྡེའི་གདོང་ལེན་ཚུ་ཡོད་རུང་ མི་སེར་ཚུ་གིས་ འཕྲོ་མཐུད་དེ་ར་ ཡ་མཚན་ཅན་གྱི་སྟོབས་ཤུགས་དང་ མཐུན་སྒྲིག་འབད་ཚུགས་པའི་ནུས་པ་ཚུ་ སྟོན་དོ་ཡོདཔ་ཨིན་པས། འཛམ་གླིང་ནང་ ཡོངས་དྲགས་ཅན་གྱི་ཟ་འཐུང་ དེ་ལས་ ལམ་སྲོལ་གྱི་སྲོལ་རྒྱུན་གཏིང་ཟབ་པ་ཡོད་མི་ ལེ་བ་ནོན་འདི་ གཞན་དང་མ་འདྲ་བའི་ སེམས་ཁར་འབབ་པའི་རྒྱལ་ཁབ་ཅིག་ཨིན། ཨིན་རུང་ སྲིད་དོན་བསྐྱར་ཞིབ་དང་དཔལ་འབྱོར་བརྟན་ཏོག་ཏོ་ དེ་ལས་ ལེ་བ་ནོན་གི་རྒྱལ་ཁབ་འདི་ སླར་གསོ་དང་ མ་འོངས་པའི་ཡར་རྒྱས་ལུ་ རྒྱལ་སྤྱིའི་རྒྱབ་སྐྱོར་ཚུ་ མེད་ཐབས་མེདཔ་ཅིག་ཨིན་མས།

རྒྱབ་རྟེན་དཔེ་དེབ།

  • Bugh, G.R. & Maksoud, C.F. (2025). Lebanon: Government and society. Published               published by: Britannica. Retrieved from: https://www.britannica.com/place/Lebanon/Government-and-society
  • DC Dictionary (Mobile application software).
  • Eng - Dzo Terminology (Mobile application software).
  • Wikipedia. (2025). Libya. Published by: Creative Commons. Retrieved from:                                        https://en.wikipedia.org/wiki/Lebanon#


"https://dz.wikipedia.org/w/index.php?title=ལེ་བཱ་ནཱོན་&oldid=39361" ལས་ སླར་འདྲེན་འབད་ཡོདཔ།