བཱེ་ནིན



བེ་ནིན་འདི་ ནུབ་ཕྱོགས་ཨཕ་རི་ཀའི་རྒྱལ་ཁབ་ཅིག་ཨིནམ་ད་ ནུབ་ཕྱོགས་ལུ་ ཊོ་གོ་དང་ ཤར་ཕྱོགས་ལུ་ ནའི་ཇི་རི་ཡ་ བྱང་ཕྱོགས་ལུ་ བཱར་ཀི་ན་ཕ་སོ་དང་ ནའི་ཇར་ དེ་ལས་ ལྷོ་ཕྱོགས་ལུ་ ཨེ་ཊ་ལེན་ཊིག་རྒྱ་མཚོ་ཚུ་ ས་མཚམས་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་༡༡༤,༧༦༣ ༼མའིལ་གྲུ་བཞི་མ་༤༤,༣༡༠༽ ཡོདཔ་ལས་ ཨཕ་རི་ཀའི་རྒྱལ་ཁབ་ཆུང་བ་ཚུ་གི་གྲས་ལས་གཅིག་ཨིན།
ཧེ་མའི་ལོ་རྒྱུས་དང་མི་རིགས།
བེ་ནིན་གྱི་བྱུང་རབས་འབད་བ་ཅིན་ དབང་ཚད་ཅན་གྱི་ ཌ་ཧོ་མེ་རྒྱལ་ཁབ་ ༼༡༦༠༠-༡༨༩༤༽ ལུ་འགོ་བཙུགས་ཡོདཔ་ད་ དེ་ཡང་ དམག་སྡེ་གི་སྟོབས་ཤུགས་དང་ མིང་གཏམ་ཅན་གྱི་ བྱ་རོགས་ཚོང་འབྲེལ་གྱི་དོན་ལུ་ ཡོངས་གྲགས་ཐོན་ནུག། སྤྱི་ལོ་༡༩༦༠ སྤྱི་ཟླ་༨ པའི་ཚེས་༡ ལུ་ རང་དབང་མ་ཐོབ་པའི་ཧེ་མ་ སྤྱི་ལོ་༡༨༩༤ ལུ་ ཕེརེནསི་གི་དབང་འོག་ལུ་འགྱུར་ནུག། མི་རིགས་ཀྱི་ཐད་ལུ་ བེ་ནིན་ལུ་ མི་རིགས་མ་འདྲཝ་༦༠ ལྷགཔ་ཅིག་ཡོདཔ་ད་ དེ་ཡང་ Fon ༼བརྒྱ་ཆ་༣༩.༢༽ དང་ Adja ༼བརྒྱ་ཆ་༡༥.༢༽ Yoruba ༼བརྒྱ་ཆ་༡༢.༣༽ དེ་ལས་ Bariba ༼བརྒྱ་ཆ་༩.༢༽ དང་ Fulani ༼བརྒྱ་ཆ་༨.༩༽ ཚུ་ཨིན་མས།[༡]
གནམ་གཤིས་དང་ལུང་ཕྱོགས་ཆགས་ཚུལ།
བེ་ནིན་ལུ་ ཚ་དྲོད་ཀྱི་གནམ་གཤིས་ཡོདཔ་ལས་ ཆརཔ་གི་དུས་ཚོད་གཉིས་ ༼སྤྱི་ཟླ་༤ པ་ལས་༧ པ་དང་ སྤྱི་ཟླ་༩ པ་ལས་༡༡ པ་ཚུན་༽ དང་ སྐམ་པའི་དུས་ཚོད་ཡང་གཉིས་ཡོདཔ་ད་ དེ་ཡང་༼སྤྱི་ཟླ་༡༢ པ་ལས་ སྤྱི་ཟླ་༣ པ་དང་༨ པ་ཚུན་༽ ཡོདཔ་ཨིན་མས། ལྷོ་ཕྱོགས་ལུང་ཕྱོགས་འདི་ རློན་གཤེར་ཅན་དང་ མཚོའི་མཐའ་མར་ས་ཁོངས་ཡོདཔ་ད་ བྱང་ཕྱོགས་ལུ་ གནམ་གཤིས་སྐམ་དྲགས་དང་ སཱ་ཧེ་ལི་ཡན་གྱི་གནམ་གཤིས་ཚུ་ མཐོང་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་གཙང་ཆུ་གཙོ་བོ་ཚུ་ཡང་ Ouémé དང་ Mono དེ་ལས་ Niger གཙང་ཆུ་ཚུ་ཨིན། ས་ཆའི་གནས་སྟངས་འདི་མཚོ་འགྲམ་གྱི་ཐང་ཆེན་དང་ མཐོ་སྒང་ དེ་ལས་ རྩྭ་ཐང་ཚུ་ཡོདཔ་ཨིན་མས།[༡]
བེ་ནིན་གྱི་རྒྱལ་ས་ལྟེ་བ། Porto-Novo
བེ་ནིན་གྱི་གཞུང་འབྲེལ་གྱི་རྒྱལ་ས་ལྟེ་བ་ པོར་ཊོ་ནོ་ཝོ་འདི་ རྒྱལ་ཁབ་ཀྱི་ཤར་ལྷོའི་ཕྱོགས་ལུ་ ནའི་ཇི་རི་ཡ་གི་ས་མཚམས་ཉེ་འདབས་ལུ་ཆགས་ཡོདཔ་ཨིན། དེ་ཡང་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་མ་༡༡༠ དེ་ཅིག་ ༼མའིལ་གྲུ་བཞི་མ་༤༢༽ ཡོདཔ་ཨིན། ཁྲོམ་འདི་ནང་ ཆརཔ་གི་དུས་ཚོད་གཉིས་འབད་རྐྱབ་ལས་དེ་ཡང་ ༼སྤྱི་ཟླ་༤ པ་ལས་༧ པ་དང་ སྤྱི་ཟླ་༩ པ་ལས་༡༡ པ་ཚུན་༽ དང་ གནམ་སྐམ་པའི་དུས་ཚོད་ཡང་གཉིས་ ཡོདཔ་ཨིན་པས། རྒྱལ་ས་ལྟེ་བ་འདི་ མཚོའི་མཐའ་མར་ མཚོ་ཁར་ཆགས་ཡོདཔ་ལས་ ཉ་བཟུང་ནི་དང་ཚོང་འབྲེལ་གྱི་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན་པས། པོར་ཊོ་ནོ་ཝོ འདི་ transatlantic བྱ་རོགས་ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་ཨིན་པས། སྤྱི་ལོ་ ༡༩༠༠ ལུ་ ཕེརེནཆི་ཌ་ཧོ་མེ་གི་རྒྱལ་ས་ལྟེ་བ་ལུ་འགྱུར་ཡོདཔ་དང་ ༡༩༦༠ ལུ་ བེ་ནིན་རང་དབང་ཐོབ་པའི་སྐབས་ལུ་ གནས་རིམ་འདི་བདག་འཛིན་འཐབ་ནུག། སྤྱི་ལོ་༢༠༢༤ལུ་ པོར་ཊོ་ནོ་ཝོ་གི་མི་རློབས་འདི་ འབུམ་༣ དེ་ཅིག་ཡོདཔ་སྦེ་ཨིན་མས།
ཁྲོམ་ཚོགས་འདི་ནང་ ཆོས་ལུགས་མ་འདྲཝ་ཡོདཔ་ལས་ ཡེ་ཤུའི་ཆོས་ལུགས་ ༼ཀེ་ཐོ་ལིག་དང་ པྲོ་ཊེས་ཊེནཊ༽ དང་ ཨིསི་ལམ་ དེ་ལས་ རང་ལུགས་ཀྱི་ཝོ་ཌུན་ཆོས་ལུགས་ཚུ་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཕཱརེནསི་གི་སྐད་ཡིག་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ད་ ཡོ་རུ་བ་དང་ གཱོན་ དེ་ལས་ ཕོན་ཚུ་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། པོར་ཊོ་ནོ་ཝོ་ལུ་ རྒྱལ་ཡོངས་ཚན་རིག་དང་འཕྲུལ་རིག་ བཟོ་རིག་ དེ་ལས་ ཨང་རྩིས་གཙུག་ལག་སློབ་སྡེ་ཚུ་ཡོདཔ་ཨིན། པོར་ཊོ་ནོ་ཝོ་གི་དཔལ་འབྱོར་གྱི་གཞི་བརྟེན་འདི་ ཚོང་འབྲེལ་དང་ཉ་བཟུང་ནི་ དེ་ལས་ བཟོ་གྲྭ་ཆུང་བ་ཚུ་ཨིན་མས། ཁྲོམ་འདི་ ནའི་ཇི་རི་ཡ་དང་ ཉེ་འདབས་ལུ་ཡོདཔ་ལས་ ས་མཚམས་བདའ་སྟེ་ ཚོང་འབྲེལ་འཐབ་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན། པོར་ཊོ་ནོ་ཝོའདི་ བེ་ནིན་ ལུ་ རྒྱལ་རབས་དང་ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ལུས་ཡོདཔ་ད་ རང་ལུགས་ཀྱི་སྲོལ་ཁྱུན་དང་དེང་སང་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན།[༢]
མི་རློབས།
སྤྱི་ལོ་༢༠༢༤ ཚུན་བེ་ནིན་གྱི་མི་རློབས་ས་ཡ་༡༣.༨ ཡོདཔ་འབད་ཨིན་མས། མི་རློབས་མང་ཤོས་རང་ ལྷོ་ཕྱོགས་ལུང་ཕྱོགས་ནང་ དམིགས་བསལ་གྱིས་ ཀོ་ཊོ་ནའུ ༼ཁྲོམ་སྦོམ་ཤོས༽ དང་ པོར་ཊོ་ནོ་ཝོ་༼རྒྱལ་ས་ལྟེ་བ༽ བཟུམ་གྱི་ཁྲོམ་ཚོགས་ཚུ་ནང་ ཡོདཔ་ཨིན་མས།[༣]
ཆོས་ལུགས།
བེ་ནིན་འདི་ཆོས་ལུགས་མ་འདྲཝ་ཡོདཔ་ཨིན་མས། དད་པ་གཙོ་བོ་ཚུ་ཡང་ ཡེ་ཤུའི་ཆོས་ལུགས་ ༼བརྒྱ་ཆ་༤༨.༥༽ དང་ ཨིསི་ལམ་ཆོས་ལུགས་ ༼བརྒྱ་ཆ་༢༧.༧༽ དེ་ལས་ ལམ་སྲོལ་གྱི་རྩ་བ་གཏིང་ཟབ་ཡོད་པའི་ རང་ལུགས་ཀྱི་ཆོས་ལུགས་ ཝོ་ཌུན་ ༼བརྒྱ་ཆ་༡༢.༢༽ དེ་ཅིག་ཡོདཔ་ཨིན་མས།[༡]
སྒྱུ་རྩལ་དང་ལམ་སྲོལ།
བེ་ནིན་འདི་ སྔོན་མའི་ ཌ་ཧོ་མེ་རྒྱལ་ཁབ་ལས་ ལི་གི་པར་རིས་དང་ ཤིང་གི་པར་རིས་ཚུ་རྩིས་ཏེ་ སྒྱུ་རྩལ་གྱི་སྲོལ་རྒྱུན་ཕྱུགཔོ་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ནང་ སྙན་ཆ་དང་ཞབས་ཁྲའི་ལམ་སྲོལ་ཚུ་ཡང་ དམིགས་བསལ་གྱིས་ Zinli, Agbadja, དང་ Afrobeat ཚུ་གིས་ འཛམ་གླིང་ཡོངས་ཀྱི་སྒྱུ་རྩལ་པ་ Angélique Kidjo ཚུ་གིས་ བེ་ནིན་གི་སྙན་ཆའི་མཐོང་སྣང་ནང་ ཁྱད་ཚབ་འབདཝ་ཨིན།[༡]
རང་ལུགས་ཀྱི་གྱོན༌ཆས།
རང་ལུགས་ཀྱི་གྱོན་ཆས་འདི་ མི་རིགས་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ཡོད་རུང་ སྤྱིར་བཏང་ལུ་ ཚོས་གཞི་མ་འདྲཝ་དང་ བཟོ་རྣམ་ཅན་གྱི་རས་ཆ་ཚུ་ཚུདཔ་ཨིན་མས། ཕོ་སྐྱེས་ཚུ་གིས་ འཕྲལ་འཕྲལ་རང་ བཱའོའུསི་གྱོནམ་ཨིན། དེ་ལས་ ཨམ་སྲུ་ཚུ་གིས་ མགུ་ཏོ་གི་ཁ་རས་ཚུ་དང་ མཐུནམ་འབད་མི་ པག་ནེསི་ (wrap skirts) གྱོནམ་ཨིན་མས།
རྩེད་རིགས།
རྐང་རྩེད་སྤོ་ལོ་ (soccer) འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ གཞན་ཡང་ ཡོངས་གྲགས་ཅན་གྱི་རྩེད་རིགས་ཚུ་ཡང་ བཱསི་ཀེཊ་བཱོལ་དང་ རང་ལུགས་ཀྱི་ མདའ་རྩེད་ཚུ་ཨིན་པས།[༡]
གཞུང་སྐྱོང་།
བེ་ནིན་འདི་ སྲིད་འཛིན་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ ལཱ་འབད་དོ་ཡོདཔ་ད་ སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ གཞུང་གི་འགོ་ཁྲིདཔ་གཉིས་ཆ་ར་ ཕྱག་ཞུ་དོ་ཡོདཔ་ཨིན་མས། ད་ལྟོའི་སྲིད་འཛིན་ འདི་ སྤྱི་ལོ་༢༠༡༦ ལས་ འགན་ཁུར་འབག་མི་ པེ་ཊི་རིསི་ཊ་ལོན་ཨིནམ་ད་ ཁྲིམས་བཟོའི་ཡན་ལག་ནང་ འཐུས་མི་༡༠༩ ཡོད་པའི་ རྒྱལ་ཡོངས་ཚོགས་སྡེ་གཅིག་ཡོདཔ་ཨིན་པས།[༣]
འཛིན་སྐྱོང་སྡེ་ཚན།
བེ་ནིན་འདི་ ཨ་ལི་བོ་རི་ ཨ་ཊ་ཀོ་ར་ ཨེ་ཊ་ལན་ཊིག་ བོར་གོ་ ཀོ་ལིན་ དོང་གཱ་ ཀོའུ་ཕོ་ ལི་ཊོ་རལ་ མོ་ནོ་ ཨའུ་མེ་ པེ་ལེ་ཊུ་ དེ་ལས་ ཟའུ་ཟེར་ ལས་ཁུངས་༡༢ ལུ་དབྱེ་སྟེ་ཡོདཔ་ཨིན།
དངུལ།
གཞུང་འབྲེལ་གྱི་དངུལ་ཀྲམ་འདི་ ནུབ་ཕྱོགས་ཨཕ་རི་ཀའི་ སི་ཨེཕ་ཨེ་ཕཱརན་ཀ་ (XOF) ཨིན་མས།
ཕྱི་འབྲེལ།
བེ་ནིན་གྱིས་ ཁྱིམ་ཚང་ནུབ་ཕྱོགས་ཨཕ་རི་ཀའི་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་སྦེ་བཞག་སྟེ་ཡོདཔ་མ་ཚད་ ECOWAS དང་ African Union དེ་ལས་ འཛམ་གླིང་སྤྱི་ཚོགས་བཟུམ་གྱི་ ལས་སྡེ་ཚུ་གི་འཐུས་མི་ཅིག་ཨིན་མས། དེ་མ་ཚད་ ཕཱ་རན་སི་དང་ ཡུ་ཨེས་ཨེ་ དེ་ལས་ རྒྱ་ནག་ཚུ་དང་ མཐུན་ལམ་དམ་ཟབ་ཡོདཔ་ཨིན་པས།[༡]
སྐད་ཡིག་དང་ཤེས་རིག།
གཞུང་འབྲེལ་གྱི་སྐད་ཡིག་འདི་ ཕཱརནསི་གི་སྐད་ཡིག་ཨིན་རུང་ ཕོན་དང་ ཡོ་རུ་བ་ དེ་ལས་ བཱ་རི་བ་བཟུམ་གྱི་ ས་གནས་ཀྱི་སྐད་ཡིག་ཚུ་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཤེས་རིག་ལམ་ལུགས་འདི་ ༦-༤-༣ གི་གཞི་བཀོད་དང་འཁྲིལ་ཏེ་ ༼གཞི་རིམ་ལོ་༦ དང་ འབྲིང་རིམ་ལོ་༤ འབྲིང་རིམ་ཆེ་བ་ལོ་༣༽ རྒྱལ་ཁབ་ནང་ མཐོ་རིམ་སློབ་གྲྭ་མཐོ་ཤོས་ཅིག་ཨིན་མི་ Abomey-Calavi གཙུག་ལག་སློབ་སྡེ་འདི་ཨིན།[༡]
དཔལ་འབྱོར།
བེ་ནིན་གྱི་དཔལ་འབྱོར་གཞི་བརྟེན་དེ་ཡང་ སོ་ནམ་ ༼GDP གི་བརྒྱ་ཆ་༢༧༽ དང་ ཞབས་ཏོག་ ༼བརྒྱ་ཆ་༥༠༽ དེ་ལས་ བཟོ་གྲྭ་ ༼བརྒྱ་ཆ་༢༣༽ ཨིན་མས། ཕྱིར་ཚོང་གཙོ་བོ་ཚུ་ ཀ་བལ་ ༼ཕྱིར་ཚོང་གི་བརྒྱ་ཆ་༤༠༽ དང་ ཀེ་བ་ དེ་ལས་ རྡོ་སྣུམ་ཚུ་ཨིན་པས། [༡]
ལྟ་བཤལ།
བེ་ནིན་གྱིས་ ལྟ་བཤལཔ་ཚུ་ Ouidah དང་ Pendjari རྒྱལ་ཡོངས་གླིང་ག་ དེ་ལས་ Abomey གི་རྒྱལ་པོའི་ཕོ་བྲང་ བཟུམ་གྱི་ས་ཁོངས་ཚུ་ནང་ འོང་དོ་ཡོདཔ་ཨིན་མས། ལྟ་བཤལ་པ་གིས་ GDP ལུ་ བརྒྱ་ཆ་ ༣.༢ དེ་རས་ཕན་ཐོགས་ཡོདཔ་ཨིན་མས།[༣]
མཇུག་དོན།
བེ་ནིན་འདི་ ནུབ་ཕྱོགས་ཨཕ་རི་ཀ་ལུ་ དཔལ་འབྱོར་དང་མཐུན་རྐྱེན་གོང་འཕེལ་གྱི་ མ་འོངས་པ་ལུ་ རེ་བ་བསྐྱེད་དེ་ བརྟན་ཏོག་ཏོ་དང་ ལམ་སྲོལ་གྱི་ཐོག་ལས་ ཕྱུགཔོ་སྦེ་ ཡར་རྒྱས་འགྱོ་དོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན།
རྒྱབ་རྟེན།
